欢迎进入中国名酒库官网首页!

拉萨市应对新型冠状病毒感染肺炎疫情工作领导小组通告

来源:中国名酒库编辑:中国名酒库 发布时间:2024-05-03 10:30

一年一度的雪顿节即将来临,不恐慌,保持理性思考。

适度锻炼, ལྷ་ས་གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་ ཡམས་ ལ་ཁ་གཏད་གཅོག་པའི་ ལས་དོན་འགོ་ཁྲིད་ཚོགས་ཆུང ་ གི་སྤྱི་བསྒྲགས། ཨང་༡༢པ། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མ་དང་། གཞོན་ནུ ་གུང་གཞོན་ སྡེ་ཚོགས། དགེ་རྒན། དེ་བཞིན་ཁྱིམ་བདག་བཅས་ལྷན་རྒྱས་ལ། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་ཁག་དབྱར་གསེང་བཞག་ཟིན་པ་དང་། ལོ་གཅིག་དུས་གཅིག་གི་ཞོ་སྟོན་འཆར་ལ་ཉེ་བས་རང་རེའི་གྲོང་ཁྱེར་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་དེ་འགག་རྩའི་ཚོད་བགམ་གྱི་དུས་རིམ་དུ་སླེབས་པར་བརྟེན། སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་པ་རེད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མ་དང་། གཞོན་ནུ ་གུང་གཞོན་ སྡེ་ཚོགས། དགེ་རྒན། དེ་བཞིན་ཁྱིམ་བདག་བཅས་ལྷན་རྒྱས་ཀྱི་ཚེ་སྲོག་ བདེ་འཇགས་ དང་ གཟུགས་གཞི་ བདེ་ཐང་ཐད་སེམས་ཁྲལ་ཆེན་པོ་ བྱེད་ཀྱི ་ཡོད། ཚེ་སྲོག་ནི་རི་བོ་ཐའེ་ཧྲན་ལས་ ཀྱང་ ལྕི་བ ས་ ནད་ཡམས་ནི་བཀའ་རྒྱ ་དང་ སྔོན་འགོག་ཚོད་འཛིན་བྱ་རྒྱུ་ནི་འགན་འཁྲི་ཡིན ། ཁྱེད་ཚོའི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་ཀྱི་བདེ་འཇགས་ལ་འགན་ལེན་ ཐུབ ་ཆེད། དམིགས་སུ་སྤྱི་བསྒྲགས་གཏོང་རྒྱུ་གཤམ་གསལ། གཞོན་ནུ་ལོ་ཆུང་སློབ་མ་དང་། གཞོན་ནུ ་གུང་གཞོན་ སྡེ་ཚོགས། དགེ་རྒན། ཁྱིམ་བདག་བཅས་ཚང་མས་རིག་པ་དྭངས་གསལ་ཐོག སྔོན་འགོག་ཚོད་འཛིན་ལས་ ཀའི་གནད ་ཆེའི་རང་བཞིན་ལ་ངོས་འཛིན་གསལ་པོ་ཐུབ་པ་བྱས་ཏེ། གཞུང་ཕྱོགས་དང་དབང་གྲགས་ལྡན་པའི་སྨྱན་སྦྱོར་གྱིས་བཏང་བའི་ནད་ཡམས་སྐོར་གྱི་བརྡ་ཁྱབ་ལ་དོ་ཁུར་བྱེད་པ་མ་ཟད། བསམ་བློ་ ཡག་པོ་བཏང་ནས་ དཀྲོག་གཏམ་མི་བཟོ་བ་དང་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་གཞན་ལ་མི་ཤོད་པ་བཅས་བྱེད་དགོས། ཚན་རིག་དང་མཐུན་པའི་ཐབས་ལ་བརྟེན་ནས་སྲུང་སྐྱོབ་ནུས་ལྡན་བྱེད་དགོས་པ་མ་ཟད། སེམས་བག་ཡངས་པོ་བྱེད་དགོས་པ་ལས་སེམས་ཁྲལ་མི་བྱེད་པ་དང་དངངས་འཚབ་མི་བྱེད་པ། ལུས་སྦྱོང་འཚམ་པོ་བྱེད་པ། བཟའ་བཏུང་ ཚུལ་དང་མཐུན་པ ། ངལ་གསོ ་ཡག་པོ་རྒྱག་པ ། རིམས་འགོག་ནུས་ཤུགས་ཆེ་རུ་གཏོང་བ ་བཅས་བྱེད་དགོས ། ཏོག་གསར་གློ་ཚད་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། གྲོང་ཁྱེར་ཡོངས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་ཀར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ། འདུ་རུབ་མི་རྒྱག་པ་དང་འདུ་འཛོམ་མི་བྱེད་པ། འཛོམས་སྟོན་མི་བྱེད་པ། མི་ཚོགས་སྟུག་སར་གང་ཉུང་ཙམ་འགྲོ་བ་བཅས་བྱེད་དགོས།

最新图文更多<<